གཙོ་ངོས། >> དུང་དཀར་བོད་ཀྱི་གཙགས་དྲུབ།

   ཀོས་ནན་རྫོང་དུང་དཀར་བོད་ཀྱི་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་ཟི་ནི་མཚོ་ལྷོ་ཁུལ་བི་ཤ་ཀརྨ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་ཟིའི་བུ་ལག་ཀུང་ཟི་ཡིན་ལ།སྔོན་གྱི་མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་བོད་ཀྱི་གཙགས་དྲུབ་ཞིབ་འཇུག་ལྟེ་གནས་ཀྱི་རྨང་གཞི་སྟེང་བཙུགས་པའི་སྒེར་གཉེར་ཁེ་ལས་ཞིག་ཡིན་པས།བོད་ཀྱི་གཙགས་དྲུབ་ཐད་ཞིབ་འཇུག་གི་མཉམ་མྱོང་ཕུན་སུམ་ཚོགས་ལ་ཚོང་ར་ཡི་ཁྱབ་རྒྱ་ཧ་ཅང་ཆེ།ཐོ་བཀོད་མ་རྩ་སྒོར་ཁྲི་200ཡིན།ཀུང་ཟིའི་དམིགས་འབེན་གཙོ་བོ་ནི་བོད་ཀྱི་གཙགས་དྲུབ་ཀྱི་མཚོན་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་སྔོག་འདོན་བྱས་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚོང་ལས་གཉིས་ཟུང་འབྲེལ་ཀྱིས་བོད་་རིག་གནས་ཐོན་ཁུངས་ཀྱི་ཕྱུག་པ་དེ་ཐོན་ལས་ཀྱིས་ཕྱུག་པའི་ཕྱོགས་སུ་སྒྱུར་ནས་མི་རིགས་རིག་གནས་དར་སྤེལ་གཏོང་རྒྱུ་དེ་ཡིན་།ཀུང་ཟིའི་ཏུང་ཧྲི་ཚོགས་པ་མི་5ཡོད་ཅིང།ཏུང་ཧྲི་གཙོ་བོ་དང་སྤྱི་ཁྱབ་སྦྱིན་བདག་གཅིག་རེ།སྤྱི་ཁྱབ་སྦྱིན་བདག་གཞོན་པ་2བཅས་ཡོད་ལ་དེའི་གཤམ་འོག་ཏུ་ཐོན་རྫས་འཆར་འགོད་སྡེ་ཁག་དང་ཐོན་སྐྱེད་སྡེ་ཁག།ཕྱིར་འཚོང་སྡེ་ཁག།རྩིས་གཉེར་སྡེ་ཁག་བཅས་ཁ་ཚང་ལ་དེང་རབས་སྔོན་ཐོན་ཀྱི་ཁེ་ལས་དོ་དམ་ལག་ཐབས་སྤྱེད་ནས་དོ་དམ་བདག་གཉེར་བྱེད་པ་ཡིན་པས་ཁེ་ལས་དོ་དམ་ཐད་ནས་ཅུང་ཁ་ཚང་བའི་དོ་དམ་མ་ལག་ཆགས་ཡོད།ཁ་དན་ཚིག་ལ་གནས་པ་དང་སྤྱི་ཚོགས་འགན་འཁྲི་བརྩི་བ།ཐོན་རྩས་རྒྱུ་སྤུས་བཟང་བ་བཅས་ཀྱིས་མི་རིགས་ཐོན་རྫས་ཚོང་རའི་ཁྲོད་སྙན་པའི་གྲགས་པ་ཀུན་ལ་ཁྱབ་ཡོད།་ཀུང་ཟི་ནི་མཚོ་སྔོན་ཞིང་ཆེན་ཀྱི་ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་བརྟན་གཞི་དང་ཞིང་ཆེན་རིམ་པའི་དབུལ་སྐྱོར་མ་དཔེ་ཁེ་ལས་ཀྱི་མིང་རྟགས་ཐོབ་ཡོད་པའི་ཁེ་ལས་ཡིན།

          ཉེ་པའི་ལོ་འགའི་རིང་ལ།ཀུང་ཟིའི་ལས་བཟོ་བ་ཡོངས་ཀྱིས་མཐུན་སྒྲིལ་མཉམ་ལས་དང་དཀའ་སྐྱེད་སྡུག་རུས་།གསར་གཏོད་གསར་སྤེལ་བྱས་ཏེ་བོད་ཀྱི་གཙགས་དྲུབ་ཅེས་བའི་དམངས་ཁྲོད་ཀྱི་རིག་གནས་རྣམ་པ་དེ་ཡུན་ཀྱིས་སྔོག་འདོན་བྱས་ནས་དབུལ་ཕོང་རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་སྒྱུར་ཀྱི་དཔལ་འབྱོར་ཡོངས་སྒོ་འཚོལ་སའི་ཐོན་ལས་གལ་ཆེན་ཞིག་ཏུ་བཏང་ཡོད་པ་མ་ཟད་མང་ཏུ་གྲགས་པའི་ས་གནས་མིང་རྟགས་ཞིག་ཏུའང་གྱུར་ཡོད།ཀུང་ཟིའི་བོད་ཀྱི་གཙགས་དྲུབ་ཐོན་སྐྱེད་བྱེད་སྟངས་ལ་རྣམ་པ་གཉིས་ཡོད་དེ་།གཅིག་ནི་ཀུང་ཟི་དང་རོང་འབྲོག་ཁྱིམ་ཚང་མཉམ་ལས་ཀྱི་རྣམ་པ་ཅན་་སྟེ་གཙགས་དྲུབ་ཐོན་རྫས་ལྟར་གླ་ཕོགས་སྤྲོད་རྒྱུ་དང་།དེའི་རིགས་ལ་མི་295ཡོད།ཅིག་ཤོས་ནི་ཀུང་ཟིའི་གཅིག་གྱུར་ཀྱི་ཐོན་སྐྱེད་ར་བའི་ནང་གཙགས་དྲུབ་ལས་བཟོ་བ་ལས་ཞུགས་ཀྱི་དུས་ཚོད་ལྟར་གླ་ཕོགས་སྤྲོད་པའི་རྣམ་པ་ཅན་རེད།དེའི་རིགས་ལ་མི164ཡོད།ཀུང་ཟིའི་ཐོན་རྫས་ལ་བོད་ཀྱི་གཙགས་དྲུབ་ཐང་ཀ་དང་བོད་ཀྱི་གཙགས་དྲུབ་རྒྱན་ཆས་།བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་ཐོན་རྫས་བཅས་ཡོད་ལ་།དེ་དག་ཀྱང་་ཆེད་བཟོའི་སྤུས་ལེགས་ཅན་དང་སྤུས་ལེགས་ཅན་།སྤུས་བཟང་ཅན་།ཚད་མཐུན་ཅན་བཅས་སྤུས་ཚད་རིམ་པ་བཞི་རུ་བགོས་ཡོད།ཀུང་ཟིའི་བོད་ཀྱི་གཙགས་དྲུབ་ཐོན་རྫས་ནི་སྐྱ་རིས་གསལ་ལ་ཚོན་མདངས་རྣམ་པར་བཀྲ་བ།མི་དང་གཅན་གཟན་རི་དགས་ཀྱི་གཟུགས་བརྙན་གསོན་ཉམས་ལྡན་ཞིང་ལག་རྩལ་ཧ་ཅང་ཞིབ་ཚགས་ལྡན་པ་བཅས་སྒྱུ་རྩལ་རིན་ཐང་དང་ཉར་ཚགས་རིན་ཐང་ཤིན་ཏུ་མཐོ་པས་མཚོ་སྔོན་ས་གནས་ཀྱི་ལས་ཁུངས་སོ་སོ་དང་མི་སྒར་ཀྱིས་གཞན་ལ་ལག་སྐྱེས་སུ་འབུལ་བྱེད་གཙོ་བོ་ཞིག་ཏུ་གྱུར་ཡོད།ཀུང་ཟིའི་ཐོན་སྐྱེད་བྱས་པའི་བོད་ཀྱི་གཙགས་དྲུབ་ཐོན་རྫས་༼མཐུན་པ་སྤུན་བཞི༽ཞེས་པ་ཨ་རི་དང་ཉི་ཧོང་སོགས་སུ་ཕྱིར་ཚོང་བྱས་ཞིང་།བོད་ཀྱི་གཙགས་དྲུབ་ཐང་ཀ་༼སྒྲོལ་མ་དཀར་མོ༽དང་༼རྣམ་ཐོས་སྲས༽།བོད་ཀྱི་གཙགས་དྲུབ་ཆེན་མོ་༼རྒྱ་སྟག་བརྒྱ་བ༽ཅེས་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་དུས་གཏན་ཏུ་ཉར་ཚགས་བྱས་ཡོད།གཞན་ཡང་༼གངས་རིའི་རྒྱ་སྟག༽དང་༼ཛམ་པ་ལ༽༼ཆུ་ཁུར་བུ་མོ༽སོགས་མང་པོ་ཞིག་ལ་རིམ་པ་སོ་སོའི་ལག་བཟོའི་ཐོན་རྫས་འགྲམ་སྟོན་ཚོགས་འདུ་སྟེང་བྱ་དགའ་དང་གཟེངས་བསྟོད་གང་མང་ཐོབ་ཡོད།  

ཁ་པར།   13709745700    ས་གནས།   ཟི་ལང་གྲོང་ཁྱེར་མཁར་ཤར་ཁུལ་རྒྱལ་བཙུགས་ལམ་གྱི་སྒོ་སྟགས་ཨང་29 པ་ལྟེ
རྡེབ་ཚད།    1389252 青ICP备09000006号 [དོ་དམ་ལྟེ་གནས།]