གཙོ་ངོས། >> གསར་འགྱུར།
འབྲེལ་ཡོད་ནང་དོན།
  • ཁེ་ལས་གསར་བའི་རིགས་ཀྱི་འབྱུང་ཁུངས་དང་འཕེལ་འགྱུར།

    ངོ་སྤྲོད།

    ཁེ་ལས་གསར་འཛུགས་དང་དར་འཕེལ་དུ་གཏོང་བའི་ཁེ་ལས་པ་ཚོ་སྙན་གྲགས་ཆེ་ཡང་ཁོ་ཚོ་ལ་ཞིབ་འཇུག་བྱེད་མཁན་ཉུང་ཉུང་རེད།  རིག་གནས་པ་ཁ་ཤས་ཤིག་དང་མི་མང་བོ་ཞིག་གི་སྣང་ངོར་ཁེ་ལས་གསར་སྐྲུན་ན་མཁན་འདི་ཚོ་ནི་དཔེ་བཟང་གི་གཤིས་སྤྱོད་དེ།  སྙིང་སྟོབས་དང་། གསར་གཏོད། འགོ་ཁྲིད།  རྒྱུན་འཁྱོངས་པ། ཆོད་སེམས་ལྡན་པ་བཅས་ཀྱི་མཚོན་བྱེད་ལྟ་བུར་གྱུར་ཡོད་ལ།  སྲིད་ཇུས་གཏན་ལ་འབེབས་མཁན་དག་གི་མཐོང་ལམ་དུ་ཁོ་ཚོ་ནི་ལས་ཀ་དང་ཐོན་སྐྱེད་འཕེལ་རྒྱས་གྱི་འབྱུང་ཁུངས་གལ་ཆེན་ཞིག་རེད་།  འོན་ཀྱང་ང་ཚོ་ལ་ཁེ་ལས་གསར་སྐྲུན་ན་མཁན་འདི་ཚོས་ཁོ་ཚོའི་ཁེ་ལས་དེ་དག་ཇི་ལྟར་འགོ་བཙུགས་པ་དང་དར་འཕེལ་ལ་བཏང་བའི་སྐོར་གྱི་ཤེས་བྱ་མ་ལག་ཆ་ཚང་ཅིག་མེད་ལ།  དེ་བཞིན་དུ་བྱ་འགུལ་འདིའི་རིགས་ཀྱིས་ཚོང་ལས་རིག་པ་དང་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་ཁྲོད་དུ་ཡང་འབུར་ཐོན་གྱི་གོ་གནས་གང་ཡང་བཟུང་མེད། བསྐྱར་བཟློས་དང་བཅོས་སྒྲུང་། ཡང་ན་ཚིག་གི་དོན་སྟོན་མི་ཐུབ་པར་རྗོད་པའི་ཁེ་ལས་གསར་སྐྲུན་མཁན་ཚོའི་གཤིས་རྒྱུད་སྐོར་གྱི་སྨྲེ་སྔགས་ཀྱིས་གསར་ཚུགས་དང་འཚར་ལོངས་བྱུང་གིན་པའི་ཁེ་ལས་སྐོར་གྱི་བགྲོ་གླེང་གི་ཁྱབ་ཆེ་ཤོས་ཤིག་བཟུང་འདུག

    དེབ་འདིའི་ནང་དུ་ཁེ་ལས་པ་ཚོས་འཚོལ་བསྙེག་བྱེད་གྱིན་པའི་ཚོང་གི་གོ་སྐབས་དག་གི་ཁྱད་ཆོས་སམ་རང་བཞིན་དང། ་ཁོ་ཚོ་ལ་འཕྲད་བཞིན་པའི་གནད་དོན་དག་དང་ལས་འགན།  འཛོམས་དགོས་པའི་ཐུན་མིན་གྱི་རང་གཤིས་དང་ནུས་རྩལ། དེ་མིན་ཁོ་ཚོས་སྤྱི་ཚོགས་དང་དཔལ་འབྱོར་ལ་བཞག་པའི་བྱས་རྗེས་བཅས་ལ་ཞིབ་དཔྱོད་བྱེད་ཡོད། དེས་གསར་དུ་བྱུང་བ་དང་དར་འཕེལ་ལ་འགྲོ་བཞིན་པའི་འཆར་གཞི་ལེགས་པོ་མེད་པའི་ཁེ་ལས་རིགས་ཀྱི་རྣམ་པ་ཁྱད་པར་བ་དག་དང་རྒྱུད་རིམ་ཆ་ཚང་གི་སྒོ་ནས་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུད་བྱེད་ནས་ཡོད་པའི་ཀུང་སི་ཆེན་བོའི་རིགས་བསྡུར་བ་བྱེད་དེ་ངེས་འཛིན་གསལ་བོ་བྱེད་ཡོད། ང་ཚོས་ཁེ་ལས་རིགས་གསར་བ་དག་ལས་བསྡུས་པའི་ཡིག་ཆ་ལ་རིགས་མི་འདྲ་བ་མང་དྲགས་པས་སྔོན་དུ་ཡོད་པའི་ཡོངས་ཁྱབ་ཀྱི་ནང་དོན་མ་འདུས་པ་ཞིག་རག་དཀའ་བོར་སྣང་།  ཀུང་སི་འདི་དག་ནི་གཞི་བརྟན་པོར་བཙུགས་ནས་ཡོད་པའི་ཀུང་སི་དག་གི་ཐོན་རྫས་གསར་བ་ཅིག་གི་ཐོན་སྐྱེད་དང་། རྒྱུད་རིམ། ཁྲོམ་ར་བཅས་དང་ཕན་ཚུན་བསྡུར་བ་བྱེད་པའི་སྐབས་སུ་ཁོ་ཚོའི་ཐུན་མོང་གི་ཁྱད་ཆོས་དག་གསལ་བོར་དོད་ནས་ཡོད་།

    ངེས་མེད་མ་དངུལ་བཅོལ་འཇོག་བྱེད་པའི་ཁེ་སྤོགས་ཀྱི་རི་མོ་(རི་མོ་1ལས་མཐོང་།)ཡིས་དཔེ་དེབ་འདིའི་ནང་རྟག་དཔྱད་བྱེད་ཡོད་པའི་གླེང་གཞི་གཙོ་བོ་དག་དོན་འགྲེལ་བྱེད་ནས་ཡོད། ང་ཚོས་ཁེ་ལས་གསར་བའི་རིགས་ (དཔེར་ན་1975 ་ལོའི་ཕྲ་རིགས་མཉེན་ཆས་ཀུང་སིཀུང་སི) དང་འཕེལ་འགྱུར་ཁྲོད་ཀྱི་ཚོང་རིགས་(དཔེར་ན་1980 ལོའི་དཀྱིལ་གྱི་ཕྲ་རིགས་མཉེན་ཆས་ཀུང་སིཀུང་སི) དང་གཞི་བརྟན་པོར་ཆགས་ཤིང་རྒྱ་ཆེ་བའི་ཁེ་ལས་ཀྱི་མཐུན་ཚོགས་(དཔེར་ན་1990 ་ལོའི་ཕྲ་རིས་མཉེན་ཆས་)ནི་ཚད་རིམ་མི་འདྲ་ཞིང་གཅོག་འཕྲི་བྱེད་ཐབས་མེད་པའི་ངེས་མེད་དང་། མ་དངུལ་བཅོལ་འཇོག་གི་དགོས་མཁོ། ཁེ་སྤོགས་བསྡུ་ཤས་ཆེ་བའི་གོ་སྐབས་བཅས་བཙལ་གྱིན་ཡོད། དེང་ཐོག་འགོ་འཛུགས་པའི་སྐབས་སུ་ཁེ་ལས་པ་ཏེ། དཔེར་ན། ཕྲ་རིགས་མཉེན་ཆས་ཀུང་སིཀུང་སིཀྱི་རྐང་འཛུགས་མཁན་བྷེལ་ རྒེ་ཚུལ  (Bill Gates) དང་ ཕོལ་ ཨེ་ལུན (Paul Allen) ལྟ་བུ་ཡིས་ངེས་མེད་ཀྱི་ཚད་མཐོ་བ་དང་། མ་དངུལ་མང་བོ་སྔོན་དུ་བཅོལ་འཇོག་བྱེད་མི་དགོས་ཤིང་། ཕལ་ཆེར་ཁེ་སྤོགས་ཀྱང་མང་བོ་བསྡུ་མི་ཐུབ་པའི་ལས་གཞིའི་རིགས་ཀྱི་རྗེས་སུ་བསྙེག་གིན་ཡོད། ཁེ་ལས་པ་ཚོས་དར་འཕེལ་དུ་འགྲོ་བར་དམིགས་ནས་ངེས་པ་ཅུང་ཙམ་ཡོད་པའི་ལས་གཞིའི་ནང་མ་དངུལ་བཅོལ་འཇོག་བྱེད་གིན་ཡོད། ཕྲ་རིགས་མཉེན་ཆས་ཀུང་སིལྟ་བུའི་ཀུང་སི་དར་འཕེལ་ལ་སོང་ཡོད་པའི་སྐབས་སུ་ཁོ་ཚོས་སྔོན་དུ་མ་དངུལ་མང་བོ་བཅོལ་འཇོག་བྱེད་པའི་ཞོར་དུ་ཡང་ཁེ་སྤོགས་ཀྱང་མང་བོ་ཅིག་བསྡུ་རྒྱུའི་རེ་བ་འཛིན་གིན་ཡོད། ལྟོས་བཅས་གིས་བརྗོད་ན་ཁོ་ཚོས་ངེས་མེད་རང་བཞིན་ཅན་གྱི་ཚད་དམའ་བའི་ལས་གཞིའི་རིགས་ཁོ་ནའི་སྟེང་དམིགས་གིན་ཡོད།


    གོ་སྐབས་ཀྱི་རང་བཞིན་ལ་འགྱུར་ལྡོག་བྱུང་བ་ནང་བཞིན་ཁེ་ལས་པ་ཚོ་ར་འཕྲད་པའི་གནད་དོན་དང་ཁོ་ཚོས་སྒྲུབ་དགོས་པའི་ལས་འགན་ལའང་འགྱུར་ལྡོག་བྱུང་ཏུ་འཇུག་གིན་ཡོེད་རེད། ཚད་བཀག་ཅན་གྱི་མ་རྩ་དང་ངེས་མེད་མང་བོ་ཡི་མདུན་གྱི་ཚོང་རིགས་གསར་བ་འགོ་འཛུགས་མཁན་རྣམས་ཀྱིས་བསམ་ཡུལ་འདས་པའི་དོན་རྐྱེན་ལ་འཕྲད་དུས་སུ་བཅོས་སྒྲིག་གི་་གོ་སྐབས་ལ་བརྟེན་ནས་ཡོད། ཁེ་ལས་དེ་དག་དར་འཕེལ་ཏུ་ཕྱིན་པ་དང་ལྷན་དུ་ངེས་པ་ཅུང་ཡོད་པའི་བྱ་གཞི་གསར་བའི་སྟེང་ཐོན་ཁུངས་མང་ཙམ་ཕུད་པ་དང་ (དཔེར་ན་འགྲེལ་བཤད་རྒྱབ་ནས་ཡོད་པའི་ཉེན་ཁ་དང་ཁེ་བོགས་དང་ལྷན་དུ་) སྐབས་འཚོལ་རིང་ལུགས་མཚམས་བཞག་ཏེ་རྒྱུད་རིམ་ཡོད་པའི་ཐབས་རྩོ་ལ་གྱི་རྗེས་དཔག་དང་ཡུན་རིང་བོའི་འཆར་གཞི་ཡི་ལམ་དུ་ཞུགས།  ལས་འགན་གསར་བ་དག་གིས་ནི་ཁེ་ལས་པ་ཚོ་ཡི་འཛོམས་དགོས་པའི་རྩལ་ནུས་དང་རང་གཤིས་ལ་བསྒྱུར་བཅོས་བྱེད་སྲིད། འགོ་འཛུགས་སྐབས་སུ་ངེས་མེད་ལ་བཟོ་བསྲན་བྱེད་པ་དང་བཅོས་སྒྲིག་བྱ་རྒྱུའི་ནུས་པ་ནི་གལ་འགངས་ཆེན་པོ་རེད། དེའི་རྗེས་ཀྱི་ཚོང་རེ་རེའི་འཕེལ་འགྱུར་གྱིས་ཁེ་ལས་གསར་སྐྲུན་ཚོའི་མཐུན་སྒྲིག་གི་ནུས་པ་དང་ཡུན་རིང་གི་ཐབས་ཇུས་ལག་ལེན་ཏུ་འགྱུར་ནས་འགྲོ་གིན་ཡོད། ཡང་ཆེ་ས་ནས་བརྗོད་ན་དར་འཕེལ་ཏུ་སོང་ཟིན་པའི་ཀུང་སུ་ཆེན་མོགི་བྱ་བ་གསར་བ་དག་འགྲུབ་མིན་ནི་དོན་དག་ཐག་གཅོད་མཁན་གྱི་འགོ་བ་ཅིག་གི་ཤེས་རབ་ལ་རག་མ་ལས་པར་ཁྱབ་གདལ་ཏུ་ཡོད་པའི་རྩ་འཛུགས་་སྤྱིའི་ནུས་པར་ཐུག་ཡོད། 

    ཆེ་ཆུང་མི་འདྲ་ཞིང་རིགས་མི་འདྲ་བའི་ཁེ་ལས་དང་དེིའི་ནང་དུ་ཆེད་མཁས་སུ་འགྱུར་བའི་དར་འཕེལ་གཉིས་ཏེ་རྟག་པར་ཕན་ཚུན་བར་ཁ་གསབ་བྱེད་ཀྱིན་པའི་ཁེ་ལས་རིགས་འདི་གཉིས་ཀྱིས་སྤྱི་ཚོགས་ལ་ཕན་པའི་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད་ལ། དེས་ད་དུང་བཟོ་རྩལ་གསར་བའི་རིགས་ཀྱི་དར་འཕེལ་དང་། ཁྲོམ་ར། སྔར་ཡོད་ཀྱི་དཔལ་འབྱོར་གྱི་སྒྲིག་གཞི་དང་དེ་དག་བར་གྱི་འབྲེལ་བ་བྱུང་ཚུལ་བཅས་སུ་ཤུགས་རྐྱེན་བཟོ་གིན་ཡོད།

མདུན་ངོས། གོང་མ། ཞོལ་མ། མཇུག་ངོས། ངོས།1/148 སྡོམ་པས་ནང་དོན་148ཡོད།

 
ཁ་པར།   13709745700    ས་གནས།   ཟི་ལང་གྲོང་ཁྱེར་མཁར་ཤར་ཁུལ་རྒྱལ་བཙུགས་ལམ་གྱི་སྒོ་སྟགས་ཨང་29 པ་ལྟེ
རྡེབ་ཚད།    1381825 青ICP备09000006号 [དོ་དམ་ལྟེ་གནས།]